|
楼主 |
发表于 2017-4-22 22:25
|
显示全部楼层
来自林仁波切的吊念词:
༄༅༎མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཡོངས་སུ་ཕྱུག་པའི་༸འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་བློ་ཕམ་ཚད་མེད་བྱུང་ཞིང་། མགོན་པོ་གང་ཉིད་སྐུ་འཚོ་བཞུགས་སྐབས་༸གོང་ས་༸སྐྱབས་
མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་བཀའ་དགོངས་བཞིན་བསྒྲུབ་ནས་མཛད་བཟང་མཐར་ཕྱིན་པ་ནི་གང་ཉིད་ཀྱི་མཛད་པའི་གཙོ་བོ་ཞིག་ཡིན་པས་ཡི་རངས་བསྔགས་བརྗོད་དང་། གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཏེ་སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་འདུན་ཤུགས་དྲག་དང་བཅས་ཡོངས་འཛིན་གླིང་སྤྲུལ་མིང་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་པས་ཕྱི་ལོ་༢༠༡༧ཟླ་བ་༤ཚེས་༢༢ཉིན་གསང་ཆེན་རིག་པ་འཛིན་པ་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་དད་པས་ཕུལ༎
I would like to extend my deepest and most heartfelt condolences to all who are now mourning the passing away of our Holy Guru, His Holiness the 103rd Gaden Tri Lobsang Tenzin Rinpoche. I am making strong prayers for Rinpoche's swift return, and that He will continue His precious Dharma activities for countless lifetimes, to benefit all sentient beings. My prayers and blessings are with all of you. Ling Rinpoche.
|
|